ཁམས་ཀྱི་རྟ་རྒྱུག་དུས་སྟོན།

རྒྱ་ནག་གཞུང་གིས་འདི་ལོའི་རྟ་རྒྱུག་གི་དུས་སྟོན་ཚུགས་རྒྱུར་ཆོག་མཆན་སྤྲད་མེད་པའི་གནས་ཚུལ།

ཁམས་དཀར་མཛེས་ཁུལ་གྱི་དབྱར་ཀའི་རྟ་རྒྱུགས་དུས་སྟོན། ཨེ་ཨེཕ་པི།
གསར་འགྱུར་ལ་གསན།

༄༅༎བོད་ཤར་ཕྱོགས་ཁམས་དཀར་མཛེས་དང་ལི་ཐང་ཁུལ་དུ་ལོ་ལྟར་བོད་མི་ཚོས་དབྱར་སྐྱིད་རྟ་རྒྱུག་དུས་ཆེན་གཏོང་སྲོལ་ཡོད་པ་དེ་རྒྱ་ནག་གཞུང་གིས་དུས་སྟོན་འཚོགས་རྒྱུར་ཆོག་མཆན་སྤྲད་མེད་པ་མ་ཟད་ས་གནས་སུ་རྒྱ་མིའི་དམག་མི་འབོར་ཆེ་འགྲེམས་འཇོག་བྱས་ཡོད་པ་རེད། སྔོ་ལོའི་རྟ་རྒྱུག་དུས་སྟོན་སྐབས་རོང་རྒྱལ་ཨ་གྲགས་ཀྱིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ནང་ཆོས་དད་རང་དབང་དགོས་པའི་རེ་འབོད་བྱས་རྗེས་ཁོང་བཙོན་དུ་བཅུག་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་བོད་ནས་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་བར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org