བཀའ་ཁྲི་མཆོག་སིད་ནིར་ཕེབས།

བཀའ་ཁྲི་མཆོག་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་སིད་ནི་རུ་ཕེབས་སྐབས་ས་གནས་མི་མང་ནས་ཕེབས་བསུ་གཟབ་རྒྱས།

བཀའ་བློན་ཁྲི་པ་མཆོག་ནས་ཨོ་སི་ཊེ་ལི་ཡའི་གྲོང་ཁྱེར་ཀེན་སྦེ་རའི་ནང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བ། བོད་མིའི་སྒྲིག་འཛུགས།
གསར་འགྱུར་ལ་གསན་རོགས།

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ཨོ་སི་ཊེ་ལི་ཡའི་རྒྱལ་ས་ཁེན་སྦེ་རའི་མཛད་འཕྲིན་ལེགས་པར་གྲུབ་སྟེ། ཕྱི་ཚེས་༢༨ཉིན་གྲོང་ཁྱེར་སིད་ནི་རུ་ཕེབས་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུས་ལས་ཚོགས་མི་རྣམས་དང་། རིས་མེད་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་བཤེས་རྣམས་པ་དང་བོད་མི་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་ལྡན་ར་བློས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org