ཚུལ་མིན་གྱི་རྒྱན་རྩེད།

ནིའུ་ཡོརྐ་གྲོང་ཁྱེར་བོད་མིའི་ཁྲོད་ཁྲིམས་འགལ་ཤོ་སྦག་རྒྱན་རྩེད་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་པ།

ཤོ་སྦག་རྒྱག་བཞིན་པའི་པར། ཨེ་ཨེཕ་པི།

གསར་འགྱུར་གསན།

༄༅༎ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོརྐ་ཁུལ་དུ་བོད་མིའི་ཁྲོད་དེང་སྐབས་ཁྲིམས་མཐུན་མ་ཡིན་པའི་སྦག་ཁང་གཉེར་མཁན་ཁ་ཤས་ཡོད་པ་དང་ཤོ་སྦག་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ཁྱིམ་ཚང་ནང་འཁྲུག་རྩོད་སོགས་ཀྱི་དཀའ་ངལ་བཟོ་བཞིན་ཡོད་པའི་སྐོར་མིང་འབོད་གནང་འདོད་མེད་པའི་བོད་སེམས་ཁུར་ཅན་ཞིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོརྐ་གསར་འགོད་པ་ངག་ཆོས་ལགས་སུ་འགྲེལ་བརྗོད་གནང་བའི་གནས་ཚུལ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org