མ་འཆི་བར་གྱི་ཟས་བཅད་ངོ་རྒོལ།

བལ་ཡུལ་དུ་གནས་སྡོད་བོད་མི་སུམ་ཅུས་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་ཚུགས་པའི་གནས་ཚུལ།

བལ་ཡུལ་དུ་གནས་སྡོད་བོད་མི་སུམ་ཅུས་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ། ཨེ་ཨེཕ་པི།

གསར་འགྱུར་ལ་གསན།

༄༅༎ཉེ་ཆར་བལ་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་ནས་བལ་ཡུལ་གྱི་རྒྱལ་ས་ཀཋ་མན་ཌུ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་བལ་ཡུལ་ཉེན་རྟོག་པས་ལས་འགུལ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་རྗེས་དེ་རིང་ལས་འགུལ་བ་རྣམས་ནས་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་ཚུགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org