གཞིས་ལུལ་བོད་མིར་འཚམས་འདྲི།
དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་པའི་འཚམས་འདྲི་གནང་པ།
-
2010-01-01 -
-
-
དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་པར།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎དུས་ཡུན་ཉིན་གྲངས་བརྒྱད་རིང་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་རྩ་བདུན་པ་དེ།ཕྱི་ཟླ་བཅུ་གཉིས་པའི་ཚེས་སུམ་བཅུ་སོ་གཅིག་གི་ཉིན་ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་མཇུག་སྒྲིལ་གནང་ཡོད་པ་དང༌།དེ་རིང་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་མགོན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྨོན་ལམ་ཆེན་མོའི་སྦྱིན་བདག་དང་ཞབས་ཞུས་བ་དེ་བཞིན་དད་ལྡན་ཞལ་འདེབས་གནང་མཁན་དེ་དག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད།བོད་རིགས་སྤུན་ཟླ་ཡོངས་ལ་ལོ་གསར་པའི་འཚམས་འདྲི་ཡང་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎