བོད་དོན་ལས་འགུལ་བར་བྱ་དགའི་འོས་གཞི་བསྡུ་རུབ།

བོད་དོན་ཐོག་ཕྱག་ལས་གནང་མཁན་སྤྱི་སྒེར་ཞིག་ལ་༸གོང་ས་མཆོག་གཱནྡྷིའི་རྗེས་འཇུག་ངོ་མ་ཞེས་པའི་བྱ་དགའ་དང་པོ་གནང་འཆར།

འཛམ་གླིང་མཛའ་གྲོགས་ཐེབས་རྩ་ཚོགས་པའི་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧེཤ་ཡཱདཝ་ལགས་། འཛམ་གླིང་མཛའ་གྲོགས་ཐེབས་རྩ་ཚོགས་པ།

༄༅༎རྒྱ་གར་ནང་རྟེན་གཞི་གནང་བའི་འཛམ་གླིང་མཛའ་གྲོགས་ཐེབས་རྩ་ཚོགས་པ་ཞེས་པས་འདི་ལོའི་༸གོང་ས་མཆོག་གི་སྐུ་འཁྲུངས་སྐར་ནས་རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷིའི་འཁྲུངས་སྐར་གྱི་ཉིན་མོའི་བར་བོད་དོན་ཆེད་ལས་འགུལ་སྤེལ་མཁན་ཚོགས་པའམ་མི་སྒེར་ཞིག་ལ་༸གོང་ས་མཆོག་གཱནྡྷིའི་རྗེས་འཇུག་ངོ་མ་ཞེས་པའི་བྱ་དགའ་དང་པོ་གནང་འཆར་ཡོད་པ་དེའི་ཆེད་འོས་དམིགས་བསྡུ་རུབ་གནང་བཞིན་ཡོད་པའི་སྐོར་ཚོགས་པ་དེའི་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མ་ཧེཤ་ཡཱདཝ་ལགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གྱི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་འགྲེལ་བརྗོད་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org