དགེ་འདུན་པ་ཕྱིར་འབུད།

སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་རོགས་སྐྱོབ་ཆེད་ཡོང་བའི་དགེ་འདུན་པ་རྣམས་རང་སར་ལོག་དགོས་པའི་བཀའ་ཁྱབ།

དགེ་འདུན་པས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་རོགས་སྐྱོབ་བྱེད་བཞིན་པ། བོད་ནས་བཏང་འབྱོར་བྱུང་བའི་འདྲ་དཔར།

༄༅༎ཉེ་ཆར་བོད་ཀྱི་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེན་བརྒྱབ་པའི་འོག་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཕོག་པ་རྣམས་ལ་རོགས་སྐྱོབ་ཆེད་ས་གནས་གཞན་ནས་ཡོང་བའི་དགེ་འདུན་པ་རྣམས་རྒྱ་ནག་གཞུང་གིས་རང་སར་ལོག་དགོས་པའི་བཀའ་ཁྱབ་བཏང་བར་བརྟེན་དེང་སྐབས་སྐྱེ་རྒུ་མདོར་དགེ་འདུན་པ་ཉུས་ཤས་ལས་མཐོང་རྒྱུ་མེད་པར་གྱུར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org