རྒྱ་བོད་འབྲེལ་མོལ་བརྒྱད་པ་གྲུབ་ཟིན་པ།

དམིགས་ཚོགས་འདུ་གྲུབ་རྗེས་རྒྱ་བོད་འབྲེལ་མོལ་བརྒྱད་པ་དེའི་གྲུབ་འབྲས་ཇི་བྱུང་གསལ་བསྒྲགས་གནང་རྒྱུ་ཡིན་པའི་གནས་ཚུལ།

དམིགས་ཚོགས་སྐུ་ཚབ་རྣམས་འབྲེལ་མོལ་སྐབས་ཀྱི་སྐུ་པར། བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོ་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་རྗེས་ཕྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་འབྱོར་ཟིན་རྗེས་༸གོང་ས་མཆོག་དང་བཀའ་བློན་ཁྲི་པ་མཆོག་ལ་སྙན་སེང་ཞུས་ཡོད་ཀྱང་མི་དམངས་ལ་དམིགས་བསལ་ཚོགས་འདུའི་རྗེས་སུ་མ་གཏོགས་གསལ་བསྒྲགས་གནང་རྒྱུ་མིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org