༸གོང་ས་མཆོག་དོན་ལྡན་གླིང་དུ་ཞབས་སོར་འཁོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད་པའི་གནས་ཚུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་སྐབས་བོད་མིས་ཕེབས་བསུ་ཞུ་བཞིན་པ། བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎ཕྱི་ཟླ་གཉིས་པའི་ཚེས་བཅུ་བདུན་རེས་གཟའ་མིག་དམར་གྱི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནང་བོད་ཕྲུག་ཁྱིམ་སྡེའི་མཐོ་རིམ་སློབ་གྲྭ་དབུ་འབྱེད་གནང་རྗེས་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་ས་གནས་བོད་མི་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org