༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོཌ་སུ་ཆིབས་བསྒྱུར།

༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ལྦེང་ལོར་དུ་ཞབས་སོར་འཁོད་གནང་སྐབས་ས་གནས་བོད་མི་ཚོས་ཕེབས་བསུ་ཟབ་རྒྱས་ཞུས་པ།

༸བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར། ཨེ་ཨེཕ་པི།

གསར་འགྱུར་ལ་གསན་རོགས་གནང་།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་གྱི་ཡུལ་གྲུ་ཨི་ཊ་ལི་དང་ཇར་མི་ནི་དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་བཅས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་གནང་བའི་རྗེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་ཁག་གི་དགེ་འདུན་པ་ཁག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་རྒྱུའི་ཆེད་ཕྱི་ཚེས་བཅུ་དྲུག་ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་ལྦེང་ལོར་ལ་ཞབས་སོར་བདེ་བར་འཁོད་གནང་སྐབས་ས་གནས་བོད་མི་ཉིས་བརྒྱ་ལྷག་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org