གཞིས་ལུས་བོད་མི་ཚོར་བཀའ་སློབ།

ཡོ་རོབ་གཟའ་མི་གཉིས་བརྒྱུད་༸གོང་ས་མཆོག་ནས་གཞིས་ལུས་རྒྱ་ཆེའི་མིང་ཚོར་བཀའ་སློབ་ཆེ་གནང་མཛད་པའི་གནས་ཚུལ།

སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་ཟིན་རྗེས་ལྡི་ལི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་ཆིབས་སྒྱུར་སྐྱོང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་འོད་ཟེར།

༄༅༎ཉེ་ཆར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་སལ་ལྡི་ལིའི་སར་གངྒ་རཱམ་སྨན་དུ་སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་ཟིན་རྗེས་ལྡི་ལི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་ཆིབས་སྒྱུར་བསྐྱངས་གནང་མཛད་ནས་སྐུ་ངལ་གསོ་བ་བཞིན་པའི་སྐབས་ཡོ་རོབ་གཟའ་མི་གཉིས་བརྒྱུད་དོན་གྱི་བདག་པོ་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ཚོར་གནད་དོན་གཞིའི་ཐོག་བཀའ་སློབ་ཆེ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

RFA logo
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org