༸གོང་ས་མཆོག་གི་སྐུའི་སྨན་བཅོས་ལེགས་གྲུབ།

༸གོང་ས་མཆོག་གི་སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་ཟིན་རྗེས་དེ་རིང་སྨན་ཁང་ནས་བོད་ཁྱིམ་གཞོན་ནུའི་སྡོང་ཁང་དུ་ཆིབས་སྒྱུར་བསྐྱངས་བ།

༸གོང་ས་མཆོག་སྨན་ཁང་ནས་བོད་ཁྱིམ་གཞོན་ནུའི་སྡོང་ཁང་དུ་ཆིབས་སྒྱུར་སྐྱོང་བཞིན་པ། ཨེ་ཨེཕ་པི།

༄༅༎ཉེ་ཆར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཕྲན་བུ་མི་བདེ་བར་བརྟེན་ལྡི་ལིའི་ཤྲི་གངྒ་རམ་སྨན་ཁང་དུ་སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་གྲུབ་དང་ཉིན་ཤས་རིང་སྐུ་ངལ་གསོ་བའི་རྗེས་དེ་རིང་ཕྱི་ཟླ་བཅུ་པའི་ཚེས་བཅུ་དྲུག་རེས་གཟའ་ཕུར་བུའི་ཉིན་སྨན་ཁང་ནས་ལྡི་ལི་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org