༸གོང་ས་མཆོག་གི་སུད་སི་ཆོས་འབྲེལ་མཛད་འཆར།

༸གོང་ས་མཆོག་ནས་སུད་སི་གྲོང་ཁྱེར་ལོ་སེན་ནང་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ལ་བཀའ་ཆོས་གནང་བཞིན་པའི་གནས་ཚུལ།

༸གོང་ས་མཆོག་ནས་སུད་སི་གྲོང་ཁྱེར་ལོ་སེན་ནང་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ལ་བཀའ་ཆོས་གནང་བཞིན་པ། ཨེ་ཨེཕ་པི།

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་བཞི་རེས་གཟའ་མིག་དམར་གྱི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མེ་ནིའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་སུད་སིའི་གྲོང་ཁྱེར་ལོ་སེན་ནང་ཞབས་སོར་འཁོད་ནས་ཕྱི་ནང་ཆོས་ཞུ་བ་བདུན་སྟོང་ལྷག་ལ་བཀའ་ཆོས་གནང་འགོ་འཚུགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org