ཐེ་ལྦན་ཆོས་ཞུ་བར་བཀའ་ཆོས་གནང་འགོ་ཚུགས་པ།
༸གོང་ས་མཆོག་ནས་ཐེ་ཝན་ཆོས་ཞུ་བས་ཇི་ལྟན་གསོལ་བ་བཏབ་པ་བཞིན་བཞུགས་སྒར་དུ་བཀའ་ཆོས་གནང་འགོ་ཚུགས་པ།
-
2009-10-15 -
-
-
༸གོང་ས་མཆོག་ནས་ཐེ་ཝན་ཆོས་ཞུ་བས་ཇི་ལྟན་གསོལ་བ་བཏབ་པ་བཞིན་བཞུགས་སྒར་དུ་བཀའ་ཆོས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་ནང་གི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་ཆིག་ཁྲི་ལྷག་ཙམ་ལ་ཤེར་ཕྱིན་གྱི་གཞུང་རྡོ་རྗེ་གཅོད་པ་དང༌།བློ་སྦྱོང་དོན་བདུན་མ།ལམ་གཙོ་རྣམ་གསུམ་བཅས་ཀྱི་བཀའ་ཆོས་གནང་འགོ་ཚུགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎