ར་ཤི་ཡའི་ཆོས་ཞུ་བར་བཀའ་ཆོས།
ར་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་ནས་བཀའ་ཆོས་དབུ་བཙུགས།
-
2009-11-24 -
-
-
ར་ཤི་ཡ་མངའ་ཁུལ་གྱི་དད་ལྡན་ཆོས་ཞུ་བ་ཉིས་བརྒྱ་ལྷག་ནས་ཇི་ལྟར་སྲོལ་བ་བཏབ་པ་བཞིན་ཐེག་ཆེན་ཆོས་གླིང་དུ་བཀའ་ཆོས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་བཅུ་གཅིག་ཚེས་ཉེར་བཞི་རེས་གཟའ་མིག་དམར་ཉིན་ར་ཤི་ཡའི་མངའ་ཁུལ་གྱི་ནང་པའི་དད་ལྡན་པ་དང་ཕྱི་སོག་དད་ལྡན་པ་ཉིས་བརྒྱ་ལྷག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གསུམ་རིང་བཀའ་ཆོས་བཀའ་དྲིན་ཆེ་འགོ་ཚུགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎