༸གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་བ།

ཨི་ཊ་ལི་དང་འཇར་མེ་ནིའི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་རྗེས་རྒྱ་གར་དུ་ཆིབས་བསྒྱུར་གནང་ཡོད་པ།

༸གོང་ས་མཆོག་ནས་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་མི་མང་ལ་འཚམས་འདྲི་གནང་བཞིན་པ། ཨེ་ཨེཕ་པི།

༄༅༎ཕྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་རེས་གཟའ་པ་སངས་ཀྱི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཨི་ཊ་ལིའི་གྲོང་ཁྱེར་རོམ་དང་ཝེ་ནིས྄་གཉིས་སུ་གྲོང་ཁྱེར་གྱི་དམིགས་བསལ་ཆེ་བསྟོད་ཀྱི་མི་སེར་གཟེངས་རྟགས་དང་འཇར་མེ་ནིའི་གྲོང་ཁྱེར་བཱ་དེན་བཱ་དེན་དུ་གསར་འགྱུར་བརྒྱུད་ལམ་གྱི་དམིགས་བསལ་གཟེངས་རྟགས་འབུལ་བཞེས་མཛད་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་བ་དང་ལྡི་ལི་མཐོ་སློབ་ཁང་དུ་དམིགས་བསལ་གསུང་བཤད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལིའི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org