པན་ཆེན་སྐུ་གོང་མར་རྗེས་དྲན།།
བཞུགས་སྒར་དུ་པན་ཆེན་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི།
-
2009-12-30 -
-
-
༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ནས་པཎ་ཆེན་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་གསུམ་བཅུ་ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་གནང་བའི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ནས་རྗེས་དྲན་དང་བསྔགས་རྗོད་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎