༸གོང་ས་མཆོག་ནས་ཀོ་ལེ་གལ་དུ་བཀའ་སློབ་བསྩལ།

དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གནང་མཛད་པའི་གནས་ཚུལ།

དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གནང་མཛད་བཞིན་པ། བཙན་བྱོལ་བོད་གཞུང༌ཕྱི་དྲིལ་ལས་ཁང་། འཇིགས་མེད་ཚེ་རིང༌།

༄༅༎ཕྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་རེས་གཟའ་ལྷག་པའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གལ་དོན་ལྡན་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་བཀའ་དྲི་བསྐྱངས་གནང་མཛད་ཡོད་ཅིང་ས་གནས་དད་ལྡན་སེར་སྐྱ་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་བཀའ་དྲིན་ཆེན་གནང་མཛད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org