རྐང་འཁོར་སྐོར་བསྐྱོད།

གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་སློབ་མ་གསུམ་གྱི་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ།

གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་སློབ་མ་གསུམ་པོ་དེ་དག་གི་འདྲ་པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢་ ཟླ་ ༡་ ཚེས་ ༢༠་ ཉིན། གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་སློབ་མ་གསུམ་གྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གང་མང་ཐོབ་ཐབས་སུ་དམིགས་ཏེ། བེལ་ཀོབ་བོད་མིའི་གཞིས་ཆགས་ནས་རྒྱལ་གར་གྱི་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་བཙུགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org