དགེ་འདུན་པ་༡༣འཛིན་བཟུང༌།

རྒྱ་ནག་གཞུང་ནས་སྟོད་དིང་རི་རྫོང་ཤེལ་དཀར་ཆོས་སྡེའི་དགེ་འདུན་པ་བཅུ་གསུམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤས་གླིང་དགོན་པའི་དགེ་འདུན་པ་ཁག་ཅིག་གི་འདྲ་པར། གསར་འགོད་པ་ཐུབ་བསྟན་སངས་རྒྱས།

༄༅༎ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་བཅུ་དགུའི་ཉིན་སྟོད་དིང་རི་རྫོང་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤས་གླིང་དགོན་པར་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་ཚོགས་འདུ་བསྐོང་ཚོགས་སར་དགེན་འདུན་པ་ཁག་ཅིག་ནས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་དང་༸གོང་ས་མཆོག་ལ་མཚན་སྨད་སྐུ་འདེབས་སློབ་གསོའི་ལས་རིམ་ལ་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་གསུངས་རྗེས་དེའི་མཚན་མོར་གྲྭ་གྲངས་བཅུ་གསུམ་འཛིན་བཟུང་དོ་དམ་གྱིས་ད་ཆ་གར་ཡོད་ཤེས་རྟོགས་ཐུབ་མེད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་འབྲེལ་ཡོད་མི་སྣར་བཅའ་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org