དུས་བཟང་གི་ལྷ་ས།
བོད་གཞུང་ཕྱི་དྲིལ་བཀའ་བློན་མཆོག་གིས་དུས་བཟང་ཀྱི་ལྷ་ས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ།
-
2011-03-27 -
-
-
བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དུས་བཟང་ཀྱི་ལྷ་ས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ད་ལྟ་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ཙུའེ་རའེ་ལགས་ཀྱིས་བརྩམས་གནང་བའི་དུས་བཟང་གི་ལྷ་ས་ཞེས་པའི་དཔེ་དེབ་དེ། ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔའི་ཉིན། བཞུགས་སྒར་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དབུ་འབྱེད་གནང་ཡོད་པའི་སྐོར། ད་ལྟ་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ཙུའེ་རའེ་ལགས་ཀྱིས་བརྩམས་གནང་བའི་སྐལ་པ་བཟང་པའི་དུས་ཀྱི་ལྷ་ས་ཞེས་པའི་