གསར་འགོད་པའི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
ཨ་མདོ་བླ་བྲང་ནང་གསར་འགོད་པའི་མདུན་ངོ་རྒོལ་སྤེལ་བ་དང་བོད་ཀྱི་རྒྱལ་དར་འཕྱར་མཁན་རྒྱ་གར་ནང་འབྱོར་བ།
-
2009-05-11 -
-
-
མདུན་གཡོན་ནས་གཡས། འཇམ་དབྱངས་སྦྱིན་པ། བློ་བཟང་རྒྱ་མཚོ། རྒྱབ་གཡོན་ནས་གཡས། དགེ་འདུན་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། འཇིགས་མེད་རྒྱ་མཚོ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཕགས་པ་ཐར།
Your browser doesn’t support HTML5 audio
༄༅༎ཕྱི་ལོ་༢༠༠༨ཟླ་བ་༣ནང་བོད་ས་ཡོངས་སུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་དང་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་རྒྱལ་སྤྱིའི་གསར་འགོད་པ་ལྟ་ཞིབ་བྱེད་པར་འབྱོར་སྐབས་ཁོང་རྣམ་པར་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་མཁན་དང་ཁོང་རྣམ་པའི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་མཁན་དགེ་འདུན་པ་ཁག་ཅིག་ད་ཆ་བཙན་བྱོལ་དུ་འབྱོར་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎