བོད་མི་༡༢གློད་བཀྲོལ།

བལ་ཡུལ་གིས་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་བཅུ་གཉིས་པོ་དེ་དག་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ།

བལ་ཡུལ་ཉེན་རྟོག་པས་ཉིན་གྲངས་བཅུ་དགུ་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་བའི་བོད་མི་དེ་དག་གི་འདྲ་པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀླུ་འབུམ་བཀྲ་ཤིས།
གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་ཕྱི་ཟླ་དྲུག་པའི་ཚེས་༢༦ཉིན། བལ་ཡུལ་དུ་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སྐབས། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་བཅུ་གཉིས་པོ་དེ་དག་ཉིན་གྲངས་བཅུ་དགུ་བཀག་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་བཅུ་ཉིན་ཉག་ཉེས་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་བཏང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

RFA logo
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org