བལ་ཡུལ་ནས་བོད་བར་གོམ་བགྲོད།

བལ་ཡུལ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་པ་བཅུ་པོ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པ།

ནམ་འཆི་གྲོང་ཁྱེར་གྱི་འདྲ་པར། ཐུབ་བསྟན་སངས་རྒྱས།

གསར་འགྱུར་ལ་གསན།

༄༅༎འདི་ལོའི་ཟླ་བ་གསུམ་པ་ནས་བཟུང་བོད་ནང་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་རྒོལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པར་བརྟེན་བལ་ཡུལ་དང་བཙོན་བྱོལ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པའི་ཁོངས་སུ་བལ་ཡུལ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཁག་ཅིག་སྤེལ་ཡོད་པ་རེད། གོམ་བགྲོད་ཀྱི་ལས་འགུལ་དང་པོ་དེ་ཉིན་ཤས་གོང་བལ་ཡུལ་ཉེན་རྟོག་པས་མཚམས་འཇོག་བྱས་ནས་གོམ་བགྲོད་པ་རྣམས་འཛིན་བཟུང་བཀག་ཉར་བྱས་ཀྱང་གོམ་བགྲོད་ཀྱི་ལས་འགུལ་གཉིས་པ་ཞིག་བལ་བོད་ས་མཚམས་སུ་འབྱོར་སྐབས་དེ་རིང་ས་གནས་ཉེན་རྟོག་པས་གོམ་བགྲོད་པ་བཅུ་པོ་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org