སྐུ་ཚབ་ལྔ་བརྒྱ་ལྷག་ཚོཌ་འདུར་ཞུཌ།
བོད་ཀྱི་རྩ་དོན་ཐོག་དམིགས་བསལ་གོ་བསྡུར་ཆེད་བཙན་བྱོལ་བོད་གཞུང་མང་གི་སྐུ་ཚབ་ལྔ་བརྒྱ་ལྷག་ནས་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ།
-
2008-11-18 -
-
-
བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ནས་ཚོགས་འདུའི་བཀའ་སློབ་གནང་བཞིན་པ།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་བཅུ་གཅིག་ཚེས་བཅུ་བདུན་རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ནང་བཙན་བྱོལ་བོད་གཞུང་ནས་བོད་ཀྱི་རྩ་དོན་ཐོག་དམིགས་བསལ་གོ་བསྡུར་ཆེད་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་གནང་འགོ་ཚུགས་ཡོད་ཅིང་ཐེངས་འདིའི་ཚོགས་འདུའི་ཐོག་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སྒེར་པའི་སྐུ་ཚབ་བོད་མི་ལྔ་བརྒྱ་ལྔ་བཅུ་ལྷག་ནས་མཉམ་ཞུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎