འགྲོ་བ་མིའི་ཐོབ་ཐང་ཇེ་ཞན།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དགོས་སྐོར་ཞུས་པ།

ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གསན་ཞིབ་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲ་ཤིས།

༄༅༎ཕྱི་ཟླ་དང་པོའི་ཚེས་ཉེར་བདུན་རེས་གཟའ་མིག་དམར་སྔ་དྲོ་ཆུ་ཚོད་བཅུ་ཐོག་ཨ་མེ་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསན་ཞིབ་ཅིག་སྐོར་ཚོགས་གནང་ཡོད་ཅིང་གསན་ཞིབ་ཐོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ནས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང་རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་ཆབ་སྲིད་དང་སྤྱི་ཚོགས་དང་དཔལ་འབྱོར་དང་རིག་གཞུང་གི་ཐོབ་ཐང་ལ་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org