བོད་མི་གསུམ་གྱི་ཟས་བཅད་ངོ་རྒོལ་མཇུག་བསྒྲིལ།

བོད་གཞོན་ནུ་ལྷན་ཚོགས་ནས་དུས་ཚད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་རྒྱལ་ཁའི་ངང་མཚམས་བཞག་པའི་གནས་ཚུལ།

བོད་གཞོན་ནུ་ལྷན་ཚོགས་ནས་དུས་ཚད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་རྒྱལ་ཁའི་ངང་མཚམས་བཞག་པའི་གནས་ཚུལ། བོད་ཀྱི་གཞོན་ནུ་ལྷན་ཚོགས།

༄༅༎ཕྱི་ཟླ་༣ཚེས་༢༢རེས་གཟའ་ཕུར་བུའི་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་གསུམ་ནས་དུས་ཚད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཉིན་གྲངས་༣༠བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ནས་འཚམས་འདྲི་གནང་རྗེས།བོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་མ་ཟད།མ་འོངས་པར་བོད་ཀྱི་རྩ་དོན་མ་འགྲུབ་བར་ལས་འགུལ་དེ་རིགས་མུ་མཐུད་སྤེལ་རྒྱུ་ཡིན་པའི་དམ་བཅའ་གནང་བའི་གནས་ཚུལ་དུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org