ལྷ་ས་བར་སྐོར་ནང་ངོ་རྒོལ།

ལྷ་སའི་བར་སྐོར་ནང་བོད་མི་ཞིག་གིས་བོད་ནང་རང་དབང་དགོས་པའི་སྦྱར་ཡིག་བཀྲམ་ནས་ངོ་རྒོལ་གནང་བ།

ཕྱི་ལོ་ ༢༠༠༨་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམ་བསྒྲགས་བྱེད་སྐབས་ཀྱི་འདྲ་པར། ཨེ་ཨེཕ་པི།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡་ཚེས་ ༢༥ ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་བྱང་ཕྱོགས་སུ་བོད་མི་ཞིག་གིས་བོད་ནང་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་དང་སྦྱར་ཡིག་བཀྲམ་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་འཆི་མེད་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org