མ་འོངས་བོད་ཀྱི་གནས་སྟངས་།

ཝ་ཤིང་ཀྲོན་དུ་ཡོད་པའི་ཧེ་རི་ཊེཇ་ཐེབས་རྩས་དམིགས་བསལ་སྐུ་ཚབ་མཆོག་གདན་ཞུས་ཀྱིས་བོད་ཐོག་མཁས་པའི་བགྲོ་གླེང་གནང་།

རྒྱ་རི་རིན་པོ་ཆེ་དང་རྒྱ་རིགས་ཆབ་སྲིད་བཙོན་ཟུར་ཧེ་རི་ཝུ་རྣམ་གཉིས་ནས་མ་འོངས་བོད་ཀྱི་གནས་སྟངས་ཐོག་བགྲོ་གླེང་གནང་བཞིན་པ། ཧེ་རི་ཊེཇ་ཐེབས་རྩ།

༄༅༎ཕྱི་ཟླ་གསུམ་པའི་ཚེས་ཉེར་ལྔ་རེས་གཟའ་ལྷག་པའི་སྔ་དྲོ་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་ཧེ་རི་ཊེཇ་ཐེབས་རྩ་ཞེས་པའི་སྙན་གྲགས་ཅན་གྱི་ཆབ་སྲིད་ཉམས་ཞིབ་ཁང་གིས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དང་རྒྱ་རིགས་ཆབ་སྲིད་བཙོན་ཟུར་ཧེ་རི་ཝུ་རྣམ་གཉིས་གདན་ཞུ་གནང་སྟེ་མ་འོངས་བོད་ཀྱི་གནས་སྟངས་ཐོག་མཁས་པའི་བགྲོ་གླེང་གནང་བའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་དམིགས་བསལ་ཆེད་གཏོང་གསར་འགོད་པ་བསོད་ནམས་ལྷ་མོ་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org