གསེར་རྟར་བོད་མི་དམར་གསོད།

གསེར་རྟ་རྫོང་དུ་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་བརྒྱབ་ནས་མི་གཉིས་ནས་ལྔ་བར་དམར་གསོད་དང་བཞི་བཅུར་རྨས་སྐྱོན་ཕོག་པ།

གསེར་རྟ་རྫོང་དུ་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་བརྒྱབ་ནས་མི་བཞི་དམར་གསོད་དང་བཞི་བཅུ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ། བོད་ཀྱི་དུས་བབ།
༄༅༎ང་ཚོར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༢ལོའི་ཟླ་༡འི་ཚེས་༢༣ཉིན་སྟེ་ལོ་གསར་གྱི་ཉིན་མོ་མདོ་སྨད་གསེར་རྟ་ རྫོང་དུ་ས་གནས་སེར་སྐྱ་མི་མང་གིས་ཞི་བའི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ ཡོད་པ་དང༌། ཕྱི་ཚེ་༢༤འི་ཉིན་རྒྱ་གཞུང་གིས་ཉེན་རྟོག་དམག་མི་དང་དམག་མི་འབོར་ཆེན་མངག་ཡོང་ ནས་དྲག་གནོན་བྱས་པ་མ་ཟད། གང་བྱུང་དུ་མེ་མདའ་བརྒྱབ་ནས་སྐྱ་སེར་མི་གཉིས་ནས་ལྔ་བར་དམར་གསོད་དང་༤༠ལྷག་ལ་རྨས་སྐྱོན་ ཕོག་ཡོད་པ་དང༌། གནས་སྟངས་ཧ་ཅང་ཛ་དྲག་ཡིན་འདུག དེ་མིན་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོར་རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་གཞུང་ ལམ་དུ་རྨེའུ་རུ་མ་ཞང་དང་གནམ་མཚོ་དགོན་པའི་དགེ་འདུན་པ་དང་སྟོད་གོས་མ་གྱོན་ པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་པ་དང་མ་ཎི་བཏོན་ནས་བསྡད་ ཡོད་པ་དང༌། ཉིན་གུང་ཙམ་ལ་མར་མེ་ཁྲོམ་སྐོར་བྱེད་བཞིན་མར་ཞང་ཐོག་ཏུ་འགྲོ་སྐབས་ཉེན་རྟོག་ པ་དང་དམག་མི་འབོར་ཆེན་ཡོང་ནས་མི་མང་གི་མདུན་བཀག མི་མང་གིས་དེར་ཉན་འཇོག་མ་བྱས་པར་མ་ཟད། འདོན་བཞིན་པའི་མ་ཎིའི་སྒྲ་དབྱངས་གློ་བུར་དུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ངོ་བོར་བསྒྱུར་ཡོད་ལ། སྐབས་དེར་གནམ་མཚོ་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་འཛིན་བཟུང་གིས་རླངས་ འཁོར་ཆེན་པོའི་ནང་བླུགས་ནས་བཙན་ཁྲིད་བྱས་ཡོད་འདུག ཕྱི་ཚེས་ ༢༤ ཉིན་ད་དུང་མུ་མཐུད་ནས་རྨེའུ་རུ་མའི་ཞང་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་འབོར་ ཆེན་གྱིས་དམ་བསྒྲགས་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ནས་ཉིན་བཅོ་ལྔའི་རིང་འཚོགས་རྒྱུའི་རྔ་པ་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་ སྐོར་དུ་འགྲོ་མཁན་ཚོར་ཡང་གཅར་རྡུང་དང་འཛིན་བཟུང་བྱས་ཏེ་རྔ་པ་རྫོང་ཐོག་ཏུ་ གཏོང་གི་མེད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org