བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག
དཔེ་མཛོད་ཁང་གི་ལས་ཤག་ཅིག་ལ་མེ་སྐྱོན་བྱུང་བའི་འོག་ལས་བྱེད་ཟུར་པ་གཅིག་གི་ཚེ་སྲོག་ཤོར་བ།
-
2009-01-26 -
-
-
ས་གནས་མེ་གསོད་རུ་ཁག་གིས་མེ་གསོད་བཞིན་པའི་འདྲ་པར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་དང་པོའི་ཚེས་ཉེར་དྲུག་རེས་གཟའ་ཟླ་བའི་ཉིན་གུང་བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག་ཅིག་ལ་མེ་སྐྱོན་ཕོག་ཡོད་པ་དང་དཔེ་མཛོད་ཁང་དུ་ལོ་མང་རིང་ལྷ་བྲིས་སློབ་དགེའི་ཕྱག་ལས་གནང་མྱོང་མཁན་རྒན་སངས་རྒྱས་ཡེ་ཤེས་ལགས་མེ་སྐྱོན་འོག་དགོངས་པ་རྫོགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག།