ལོ་གསུམ་རྗེས་རྡོ་དཀར་ལགས་འཛིན་བཟུང་བྱས་པ།
ལོ་གསུམ་འཛིན་བཟུང་བཅོན་འཇུག་གཡོལ་ཐབས་རྗེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ།
-
2011-04-04 -
-
-
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཕྱི་ལོ་༢༠༠༨ལོར་བོད་ཤར་ཕྱོགས་མདོ་ཁམས་འབའ་ཐང་རྫོང་དུ་བོད་རང་བཙན་གྱི་སྦྱར་ཡིག་བཙུགས་པ་དང༌།འབའ་ཐང་ཁུལ་གྱི་ཉེན་རྟོག་པའི་ལས་ཁུངས་སར་འབར་རྫས་གཡུག་པའི་ཉེས་མིང་འཛིན་བཟུང་བཀའ་རྒྱ་བཏང་རྗེས།རྡོ་དཀར་ལགས་ལོ་གསུམ་རིང་འཛིན་བཟུང་བཙོན་འཇུག་གཡོལ་ཐབས་ཆེད་ནགས་གསེབ་ནང་བྲོས་ཡིབ་བྱས་རྗེས་ཕྱི་ཟླ་༣ཚེས་༢༢ཉིན་ལི་ཐང་རྨ་བྱ་ཐང་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎