ཆོས་འཕེལ་ལཊ་ཀྱི་རུས་ཐལ་ནང་མིར་རྩིས་སྤྲོད།

ཉེ་ཆར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་ཆོས་འཕེལ་ལགས་ཀྱི་རུས་ཐལ་ནང་མིར་རྩིས་སྤྲོད་བྱས་པའི་གནས་ཚུལ།

ཕྱི་ཟླ་བཞི་པའི་ནང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམ་པས་བཞུགས་སྒར་ནས་ལྡི་ལི་བར་གོམ་བགྲོད་གནང་སྐབས་ཀྱི་འདྲ་པར། ཨེ་ཨེཕ་པི།
གསར་འགྱུར་ལ་གསན་རོགས།

༄༅༎ ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་རང་ལུས་མེར་བསྲེགས་བཏང་ནས། རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཆོས་འཕེལ་ལགས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ། འབར་ཁམས་སུ་ཡོད་པའི་རྔ་བ་ཁུལ་གྱི་སྨན་ཁང་ནང་འདས་གྲོངས་སུ་གྱུར་བའི་རྗེས། ས་གནས་ཉེན་རྟོག་པ་དང་ལས་བྱེད་ཁ་ཤས་ཀྱིས་ཁོང་གི་རུས་ཐལ་ཁྱེར་ཡོང་ནས་ནང་མིར་རྩིས་སྤྲོད་བྱས་པའི་སྐོར། གནས་ཚུལ་རྒྱུས་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org