རྒྱ་མིས་བོད་མི་༢བཙོན་འཇུག་དུས་ཚོད་ཚང་ཀྱང་གློད་མེད་པ།

རྒྱ་གཞུང་གིས་ལི་ཐང་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་གཉིས་བཙོན་འཇུག་དུས་ཚོད་ཚང་ཀྱང་གློད་མེད་པའི་གནས་ཚུལ་ངོ་སྤྲོད་གནང་བ།

ལེ་ཚན་ལ་གསན་རོགས།

༄༅༎ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་༨པའི་ནང་ལི་ཐང་བརྒྱད་གཅིག་རྟ་རྒྱུག་ཉིན་མོར། རྒྱ་གཞུང་གིས་རོང་རྒྱལ་ཨ་གྲགས་ལགས་འཛིན་བཟུང་བྱས་པའི་རྗེས། ལི་ཐང་ཁུལ་ནས་འབྲེལ་ཡོད་བོད་མི་ལྔ་འཛིན་བཟུང་བྱས་པའི་གྲས་ནས། བློ་ཐོག་ལགས་དང་འཇམ་དབྱངས་བསྟན་འཛིན་རྣམ་གཉིས་ཀྱི་བཙོན་འཇུག་དུས་ཚོད་ཚང་ཡོད་ཀྱང༌། ད་ཆ་རྒྱ་མིས་ཁོང་རྣམ་གཉིས་དུས་ཐོག་དུ་གློད་འགྲོལ་བྱེད་མེད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་ནང་གི་རོང་རྒྱལ་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལགས་སུ། རིག་ལྡན་སྒྲོལ་མ་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org