བེལ་ཇམ་སྲིད་བློན་ནས་༸གོང་ས་མཆོག་མཇལ་བ།

ཡོ་རོབ་ཀྱི་ཡུལ་གྲུ་བེལ་ཇམ་གྱི་སྲིད་བློན་ལེ་ཋར་མེ་མཆོག་ནས་༸གོང་ས་མཆོག་དང་མཇལ་མོལ་ཞུས་པའི་གནས་ཚུལ།

༸གོང་ས་མཆོག་དང་བེལ་ཇམ་སྲིད་བློན་དབར་མཇལ་འཕྲད་གནང་བཞིན་པ། ཨེ་ཨེཕ་པི།

༄༅།།ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་བེལ་ཇམ་གྱི་རྒྱལ་ས་བརཱ་སེལས྄་ནང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་དེ་རིང་ཡུལ་དེའི་སྲིད་བློན་ཡིཝས྄་ལེ་ཋར་མེ་མཆོག་དང་མཇལ་མོལ་གནང་ཡོད་པའི་སྐོར་རིག་ལྡ་སྒྲོལ་མ་ལགས་ནས་ཕ་རེནས྄་དང་བེལ་ཇམ་ཁུལ་གྱི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་འཇམ་དཔལ་ཆོས་བཟར་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org