བོད་མི་བཞི་འཛིན་བཟུང་བྱས་པ།
ཨ་མདོ་བསང་ཆུ་རྫོང་གི་སྲིད་གཞུང་མདུན་དུ་མི་མང་གིས་བདེ་སྡུག་ཞུ་གཏུག་བྱེད་སྐབས་བོད་མི་བཞི་འཛིན་བཟུང་།
-
2012-08-06 -
-
-
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་བློ་བེས་བཏང་བར་གསན་རོགས། |
༄༅༎མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཁོངས་སུ་གཏོག་པའི་ལུང་ལེབ་དང་། འབོ་རའི་ཁོངས་སུ་གཏོག་པའི་ཨ་ལ་སྡེ་བ་གཉིས་ཀྱི་ས་རྩོད་དཀའ་རྙོག་སེལ་བའི་ཆེད་དུ་༡༩༨༠ལོ་ནས་བཟུང་བསང་ཆུ་རྫོང་གི་སྲིད་གཞུང་ལ་ཞུ་འབོད་གང་མང་བྱས་ཀྱང་་སྲིད་གཞུང་གིས་དོ་སྣང་ཆེན་པོ་མ་བྱས་བར་ལུས་བ་དང་། ས་གནས་ཡུལ་མིར་དཀའ་ངལ་མི་ཉུང་བ་འཕྲད་བཞིན་པར་བརྟེན། ཟླ་༨ པའི་ཚེས་མགོ་ལ་ཨ་ལ་སྡེ་བའི་ཁྱིམ་མི་སུམ་ཅུ་ལྷག་བསང་ཆུ་རྫོང་ཐོག་ལ་ཡོང་ནས་བསང་ཆུ་རྫོང་མི་མང་སྲིད་གཞུང་གི་སྒོ་འགྲམ་དུ་སྲིད་གཞུང་གིས་མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་ཡང་དག་གནང་རོགས་ཞེས་པའི་འཕྲེད་དར་འཐེན་ནས་སྡེ་བ་གཉིས་ཀའི་དཀའ་རྙོག་སེལ་རྒྱུའི་རེ་སྐུལ་ལས་འགུལ་སྤེལ་ནས་ཉིན་གཉིས་སོང་རྗེས་ཚེས ༥ ཉིན་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མི་ཚོ་ཕྱིར་ནང་ལ་ལོག་དགོས་བའི་བཙན་བཀའ་བཏང་བ་དང་། སྣེ་ཁྲིད་མི་སྣ་ཡིན་པའི་དོགས་གཞིའི་འོག་མི་གྲངས་འབོ་རའི་དབྱངས་སྐྱབས་རྡོ་རྗེ་དང་། རུ་དཔོན་བན་བདེ་མཁར་། དཀོན་མཆོག་སྐྱབས། སྐལ་བཟང་རྡོ་རྗེ་བཅས་མི་བཞི་སྲིད་གཞུང་མདུན་ནས་འཛིན་བཟུང་བྱས་ཡོད་པ་དང་། བོད་མི་གཞན་ཚོ་མུ་མཐུད་བསྡད་པར་བརྟེན་ཟླ་༨ཚེས་༦གི་ཉིན། སྡེ་མི་གཞན་རྣམས་བཙན་གྱིས་ཕ་ཡུལ་ལ་ཕྱིར་ལོག་བཏང་འདུག། བོད་མི་བཞི་བོ་ད་ལྟའི་ཆར་ཕྱི་མི་ཐུག་འཕྲད་བྱེད་དུ་མ་བཅུག་པའི་ཐོག་ཟས་གོས་བསྐྱལ་ཐབས་བྱས་ཀྱང་བླངས་མེད་པ་རེད་འདུག།