བོད་མིར་མེ་མདའ་བརྒྱབ།

རྨས་སྐྱོན་ཕོག་པའི་བོད་མི་༡༢འདས་གྲོངས་འགྲོ་བའི་ཉེན་ཁང་ཡོད་པའི་གནས་ཚུལ།

རྨས་སྐྱོན་ཕོག་པའི་བོད་མི་༡༢འདས་གྲོངས་འགྲོ་བའི་ཉེན་ཁང་ཡོད་པའི་གནས་ཚུལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་ཁམས་ཏྲེ་ཧོར་བྲག་འགོ་ཁུལ་ཕྱི་ཟླ་༡ཚེས་༢༣རྒྱ་མིའི་ལོ་གསར་གྱི་ཉིན་དང་པོར་བོད་མི་བརྒྱ་ཕྲག་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས་རྒྱ་མིའི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་འདས་གྲོངས་སུ་ཕྱིན་པའི་ཡོན་ཏན་ལགས་ཀྱིས་སྐུ་ཕུང་ས་ཉིན་ཕྱི་ཚེས་༢༥ཉིན་ཞུགས་འབུལ་གནང་རྒྱུ་ཡིན་པ་དང༌།རྨས་སྐྱོན་ཕོག་པའི་མི་༡༢ཧ་ལམ་འདས་གྲོངས་འགྲོ་བའི་ཉེན་ཁ་ཡོད་སྐོར་གནས་ཚུལ་དེ་རྒྱུད་ལོན་གནང་མཁན་བློ་བཟང་མཁྱེན་བརྩེ་ལགས་སུ་རིག་ལྡན་གྲོལ་མ་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org