༸གོང་ས་མཆོག་ཐེ་དབན་དུ་ཞབས་སོར་འཁོད་གནང་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་དབན་དུ་ཞབས་སོར་འཁོད་གནང་ཡོད་པའི་གནས་ཚུལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་དབན་དུ་ཞབས་སོར་འཁོད་གནང་བཞིན་པ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང༌། གསར་འགོད་པ་སྒྲོལ་དཀར།

ལེ་ཚན་ལ་གསན་རོགས།

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ཞེས་པའི་ལེ་ཚན་ནང་དུ།ཉེ་ཆར་ཐེ་དབན་དུ་རང་བྱུང་གནོད་འཚེ་ཕོག་ཡུལ་གྱི་རྫོང་དང་གྲོང་ཁྱེར་ཁག་བདུན་གྱིས་མཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་རེས་གཟའ་ཉི་མའི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་དབན་དུ་ཞབས་སོར་འཁོད་གནང་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ཆིབས་བསྒྱུར་དང་འབྲེལ་བའི་གནས་ཚུལ་བཏང་འབྱོར་བྱུང་བ་ཞིག་ལ་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org