༸གོང་ས་མཆོག་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་པ།

ས་གནས་བོད་མི་དང་ཕྱི་རྒྱལ་བ་མང་པོས་སྐུ་མགྲོན་ཁང་གི་མདུན་དུ་ཕེབས་བསུ་ཟབ་རྒྱས་ཞུས་པའི་གནས་ཚུལ།

ཝ་ཤིང་ཀྲོན་བོད་མིས་༸གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།

༄༅༎ཕྱི་ཟླ་བཅུ་པའི་ཚེས་ལྔ་རེས་གཟའ་ཟླ་བའི་ཉིན་རྒྱབ་ཕྱག་ཚོགས་བཞི་པ་ཙམ་ལ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་དང་བྱང་ཕྱོགས་ཁུལ་དང་དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་ཁག་ཅིག་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཞབས་སོར་བདེ་བར་འཁོད་གནང་སོང༌།སྐུ་མགྲོན་ཁང་གི་མདུན་དུ་མངའ་ཁུལ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཕེབས་བསུ་ཟབ་རྒྱས་ཞུས་སོང་བའི་གནས་ཚུལ་དུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org