བལ་ཡུལ་ནང་འོས་སྒམ་བཙན་འཕྲོག
བལ་ཡུལ་ཉེན་སྲུང་བས་བོད་མིའི་སྔོན་འགྲོའི་འོས་བསྡུའི་འོས་སྒམ་གཞུང་བཞེས་བྱས་པའི་གནད་དོན།
-
2010-10-04 -
-
-
བལ་ཡུལ་ཉེན་སྲུང་བས་བོད་མིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་འོས་སྒམ་བཙན་འཕྲོག་བྱེད་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཐུབ་བསྟན་སངས་རྒྱས།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་བཅུ་པའི་ཚེས་གསུམ་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་ཉིན་རྒྱ་དུས་གཅིག་ཏུ་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་བ་བཞིན་བལ་ཡུལ་ནང་འོས་བསྡུ་གནང་སྐབས་ས་གནས་ཉེན་སྲུང་བས་འོས་སྒང་བཙན་འཕྲོག་གིས་གཞུང་བཞེས་བྱས་ཡོད་པའི་གནས་ཚུལ་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎