རྒྱ་གཞུང་ནས་རྒྱལ་སྤྱིའི་ཉ་རིགས་ཀྱི་ནག་ཚོང་ཆེ་ཤོས་དེ་རྒྱག་བཞིན་ཡོད།
བོད་ཀྱི་ཆུ་བོ་རྨ་ཆུ་གཙང་པོའི་ཐོག་རྒྱ་ནག་གཞུང་གིས་ཆུ་རགས་༩ཙམ་བརྒྱབ་ཡོད་པ་དང་ཉ་རིགས་ཀྱི་ནག་ཚོང་རྒྱག་བཞིན་ཡོད།
-
2020-10-03 -
-
-
རྒྱ་གཞུང་ནས་རྒྱལ་སྤྱིའི་ཉ་རིགས་ཀྱི་ནག་ཚོང་ཆེ་ཤོས་དེ་རྒྱག་བཞིན་ཡོད།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
ཐེངས་འདིའི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་སྐུ་ཞབས་Gabriel Laffitte ལགས་ཀྱིས་བོད་ཀྱི་ཆུ་བོ་རྨ་ཆུ་གཙང་པོའི་ཐོག་རྒྱ་ནག་གཞུང་གིས་ཆུ་རགས་༩ཙམ་བརྒྱབ་ཡོད་པ་མ་ཟད། གཙང་ཆུའི་ཆུ་རགས་ཀྱི་རྫིང་ཆུའི་ཐོག་ཕྱི་ཕྱོགས་ནས་ཉ་རིགས་ནང་འདྲེན་བྱས་ཏེ་ཉའི་རིགས་རྒྱུན་བསྲེས་ལྷད་བཏང་ནས་ཆེས་རིན་གོང་མཐོ་བའི་ཉ་རིགས་གསོ་སྐྱོང་བྱས་ཏེ་རྒྱལ་སྤྱིའི་ཉ་རིགས་ཀྱི་ནག་ཚོང་ཆེ་ཤོས་དེ་རྒྱག་བཞིན་ཡོད་པའི་སྐོར་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་སྐུ་ཞབས་Gabriel Laffitte ལགས་གཏམ་བཤད་གནང་བ་དང་རྩོམ་བྲིས་སྤེལ་བའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕབ་བསྒྱུར་དང་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ།།