གཞུང་གིས་བསྐྱར་བཅོས་བྱས་པའི་མི་སེར་གྱི་ཁྲིམས་ཡིག་ལ་ཕྱིར་འཐེན་བྱ་རྒྱུ་མིན།

རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་གཞུང་གིས་བསྐྱར་བཅོས་བྱས་པའི་མི་སེར་གྱི་ཁྲིམས་ཡིག་ཕྱིར་འཐེན་བྱ་མིན་ཞེས་གསུངས་ཡོད་པ།

རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མིཏ་ཤཱཧ(Amit Shah). ཨེ་ཨེཕ་པི།

ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང་། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མིཏ་ཤཱཧ(Amit Shah)ཡིས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་ནས་ཇི་ཙམ་གྱིས་དགག་པ་དང་སྐྱོན་བརྗོད་བྱས་ཀྱང་། གཞུང་གིས་བསྐྱར་བཅོས་བྱས་པའི་མི་སེར་གྱི་ཁྲིམས་ཡིག་དེ་ཕྱིར་འཐེན་བྱ་རྒྱུ་མིན་པ་གསུངས་ཡོད་པ་དང་། འོན་ཀྱང་ཁྲིམས་ཡིག་བསྐྱར་བཅོས་དེའི་མི་དྲང་བའི་གནད་དོན་ལ་དགག་པ་བྱེད་མཁན་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་ཡིག་དེ་ཕྱིར་བསྡུ་དགོས་པའི་ཁྲིམས་གཏུགས་བྱེད་བཞིན་ཡོད་པའི་སྐོར། བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org