ཊ་ཊ་ན་གར་སུས་ཚོང་ཁྲོམ་རར་གཏོར་སྐྱོན་བྱུང་བ།

རྒྱ་གར་ལྷོ་ཕྱོགས་སུ་ཆར་རླུང་དྲག་པོ་བརྒྱབ་ནས་ཊ་ཊ་ན་གར་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སུས་ཚོང་ཁྲོམ་རར་གཏོར་སྐྱོན་བྱུང་ཡོད་པ།

ཉེ་ཆར་རྒྱ་གར་གྱི་མངའ་སྡེ་ཨན་དྲ་པྲ་དེཤ(Andra Pradesh)ནང་ཆར་རླུང་དྲག་པོ་འབྱུང་སྐབས་ཀྱི་འདྲ་པར། ཨེ་ཨེཕ་པི།

༄༅༎ཐེངས་འདིའི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་དུ། རྒྱ་གར་ལྷོ་ཕྱོགས་སུ་ཆར་རླུང་དྲག་པོ་བརྒྱབ་ནས་ཊ་ཊ་ན་གར(Tatanagar) གྲོང་ཁྱེར་ནང་ཡོད་པའི་བོད་མིའི་སུས་ཚོང་ཁྲོམ་རར་གཏོར་སྐྱོན་ཕོག་པ་དང་། དེ་བཞིན་ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་སྟོན་ཐོག་ལའང་སྟོན་ཉེས་བཏང་ཡོད་པའི་སྐོར། ཞིབ་ཕྲ་ཚེ་དབང་དངོས་གྲུབ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཏེ་ཕྱོགས་སྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org