ཨ་རུ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཀརྨ་དབང་ཕྱུགས་ལགས་དམ་པ་དེར་གཟེངས་རྟགས་ཕུལ་བ།

ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་དབུ་འཛིན་འཇམ་དཔལ་དབང་འདུས་ལགས་ཀྱིས་ཁོང་གི་ཡབ་དམ་པ་མངའ་སྡེའི་བློན་ཆེན་ཟུར་པ་ཀརྨ་དབང་ཕྱུགས་ལགས་ཀྱི་སྐུ་ཚབ་ཞུས་ཏེ་Padma Shri གཟེངས་རྟགས་བཞེས་ཡོད་པ།

ཤར་མོ་ཇོ་གསར་ཁང་།

ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་དབུ་འཛིན་འཇམ་དཔལ་དབང་འདུ་ལགས་ཀྱིས་ཁོང་གི་ཡབ་དམ་པ་མངའ་སྡེ་དེའི་བློན་ཆེན་ཟུར་པ་ཀརྨ་དབང་ཕྱུགས་ལགས་ཀྱི་སྐུ་ཚབ་ཞུས་ཏེ། ཕྱི་ཟླ་༣་ཚེས་༢༢ ཉིན་རྒྱ་གར་གྱི་སྙན་གྲགས་ཆེ་བའི་Padma Shri གཟེངས་རྟགས་བཞེས་པའི་རྗེས་སུ་སྲིད་བློན་མོ་དྷི་མཆོག་མཇལ་འཕྲད་སྐབསབོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་Bharat Ratna འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཞུས་པ་སོགས་ཀྱི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org