ཐེ་དབན་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཨ་རིའི་ནང་ཕེབས་རྒྱུ།

ཐེ་དབན་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཟླ་འདིའི་མཇུག་ནས་ཉིན་གྲངས་༡༢རིང་ཨ་རིའི་ནང་འཚམས་གཟིགས་སུ་ཕེབས་རྒྱུ།

ཐེ་དབན་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཚཡེ་ ཨིང་ བེན། བི་ཀི་པི་ཌི་ཡ།

༄༅༎ཐེངས་འདིའི་རྒྱ་ནག་དང་ཧོང་ཀོང་ཐེ་དབན་ཞེས་པའི་ལེ་ཚན་ནང་དུ། ཐེ་དབན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་རིང་མིན་ཕྱི་ཟླ་ལྔ་པའི་ཟླ་མཇུག་ནས་ཉིན་གྲངས་༡༢རིང་ཨ་རིའི་ནང་འཚམས་གཟིགས་སུ་ཕེབས་རྒྱུ་དང་དེའི་རིང་ཨ་རིའི་དཔོན་རིགས་དང་གྲོས་ཚོགས་ཀྱི་འཐུས་མི་དེ་བཞིན་ཨ་རིའི་ནང་གནས་སྡོད་ཐེ་དབན་གྱི་མི་སེར་སོགས་མི་སྣ་ཁག་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པའི་སྐོར། འཆི་མེད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲིན་ཞུས་པར་གསན་རོགས་ཞུ༎

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org