རྒྱ་ནག་དང་ཨ་རིའི་འབྲེལ་ལམ།

རྒྱ་ནག་སྲིད་འཛིན་གྱིས་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ནི་ལྟ་བ་ཐ་དད་ལས་གལ་ཆེ་བར་དངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག།

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གྱི་ལྷན་ཚོགས་ཐོག་གཏམ་བཤད་གནང་ཡོད་པ་རེད།། ཨེ་ཨེཕ་པི།

༄༅༎ཐེངས་འདིའི་རྒྱལ་ཁམས་མེ་ལོང་གི་ལེ་ཚན་ནང་དུ། ཉེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་གནང་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཨ་རིའི་བར་ལོ་རྒྱུས་རིག་གཞུང་སྲོལ་རྒྱུན་དང་ལམ་ལུགས་མི་འདྲ་བའི་དབང་གིས་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང་ཡུལ་གཉིས་ཀྱི་ཁེ་ཕན་དེ་ལྟ་བ་ཐ་དད་ལས་གལ་འགངས་ཆེན་པོར་དངོས་འཛིན་བྱེད་ཀྱི་ཡོད་པའི་ཐད་གླེང་སློང་བྱས་ཡོད་པ་སོགས་ཀྱི་སྐོར། ལྕགས་མོ་འཚོས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ་ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org