རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་འདི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྐད་ཡིག་ཏུ་གཞུང་འབྲེལ་ངོས་འཛིན་ཞུས་པ།
སྲིད་བློན་མོ་དྷི་དབུ་བཞུགས་ཐོག་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ལྷ་བབས་དུས་ཆེན་དང་པཱ་ལི་སྐད་ཡིག་ངོས་འཛིན་ཞུས་པའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པའི་སྐོར།
- 2024-10-29
-
-
-
རྡོ་རྗེ་སྐྱབས།
Your browser doesn’t support HTML5 audio
རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་འདི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་སྐད་ཡིག་ཏུ་གཞུང་འབྲེལ་ངོས་འཛིན་ཞུས་པ་དང་། སྲིད་བློན་མོ་དྷི་དབུ་བཞུགས་ཐོག་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ལྷ་བབས་དུས་ཆེན་དང་པཱ་ལི་སྐད་ཡིག་ངོས་འཛིན་ཞུས་པའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཆེན་གྱི་རྩོམ་རིག་སྡེ་ཚན་གྱི་ཞིབ་འཇུག་ལས་རོགས་འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བད་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།