བོད་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཀྱི་སྙོབས་ཚད།
མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཡིན་པར་ཤེས་ཡོན་ཉམས་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ།
- 2021-09-25
-
-
-
ལྷ་སའི་ནང་ཞི་ཅིན་ཕིང་གི་དྲིལ་བསྒྲགས།
ཨེ་པི།
Your browser doesn’t support HTML5 audio
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གཞུང་གིས་ཉེ་བའི་ཆར་བོད་མདོ་དབུས་ཁམས་གསུམ་གྱི་ནང་བོད་ཡིག་དང་བོད་སྐད་ཀྱི་བསླབ་གཞི་ལག་བསྟར་བྱེད་བཞིན་ཡོད་པ་རྣམས་རྒྱ་ཡིག་ནང་བསྒྱུར་བ་དང་། བོད་ཡིག་ཤུགས་ཆེན་སློབ་སའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི། མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཡིན་པར་ཤེས་ཡོན་ཉམས་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་ཕྲུ་གུའི་སེམས་ཁམས་དང་ཐག་ཉེ་པོ་ནས་ཕྱག་ལས་ཀྱི་མྱོང་བ་ལྡན་པའི་མི་སྣ་ཞིག་གདན་ཞུས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།