རྒྱ་གར་གྱིས་རྒྱ་ནག་གི་ངན་བྱུས་ལ་མགོ་བོ་མ་འཁོར་བར་སྤྱང་གྲུང་དོད་པོ་བྱ་དགོས།

རྒྱ་གར་གྱི་གསར་འགྱུར་དཔྱད་ཞིབ་པ་Shishir Gupta ལགས་ཀྱིས་རྒྱ་གར་གྱིས་རྒྱ་ནག་གི་ངན་བྱུས་ལ་མགོ་བོ་མ་འཁོར་བར་སྤྱང་གྲུང་དོད་པོ་བྱ་དགོས་པ་གསུངས་བ།

ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་མཐའ་སྲུང་དམག་མི། ཨེ་ཨེཕ་པི།

རྒྱ་གར་གྱི་གསར་འགྱུར་དཔྱད་ཞིབ་པ་Shishir Gupta ལགས་ཀྱིས་རྒྱ་ནག་གིས་རྒྱ་དཀར་ནག་གི་ས་མཚམས་ནས་དམག་མི་ཁྲི་གཅིག་ཙམ་ཕྱིར་འཐེན་བྱས་པའི་གནས་ཚུལ་འདིར། རྒྱ་གར་གྱིས་རྒྱ་ནག་གི་ངན་བྱུས་ལ་མགོ་བོ་མ་འཁོར་བར་སྤྱང་གྲུང་དོད་པོ་བྱ་དགོས་སྐོར་གསུངས་པ་འདིའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་རྒྱ་གར་དང་རྒྱ་ནག་གི་ས་མཚམས་རྩོད་རྙོག་ཐོག་ཉམས་ཞིབ་གནང་མཁན་འབུམ་རམ་པ་ཚེ་དབང་རྡོ་རྗེ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org