འཛམ་གླིང་མང་ཚོགས་ཀྱིས་རྒྱ་ནག་ལ་ལྟ་ཚུལ།
ལོ་ངོ་༡༤རྗེས་སླར་ཡང་པེ་ཅིན་དུ་དགུན་དུས་ཨོ་ལོམ་པིཀསི་ཚོགས་བཞིན་ཡོད་པས།དུས་ཡུན་འདིའི་རིང་རྩེད་འགྲན་འདི་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས།
- 2022-02-07
-
-
-
Your browser doesn’t support HTML5 audio
རྒྱ་ནག་པེ་ཅིན་དུ་༢༠༠༨ལོར་དབྱར་དུས་ཀྱི་ཨོ་ལོམ་པིཀསི་ཚོགས་ཏེ་ད་ཆ་ལོ་ངོ་༡༤རྗེས་སླར་ཡང་པེ་ཅིན་དུ་དགུན་དུས་ཨོ་ལོམ་པིཀསི་ཚོགས་བཞིན་ཡོད་པས།དུས་ཡུན་འདིའི་རིང་རྩེད་འགྲན་འདི་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་རྒྱ་ནག་གིས་གདོང་ལེན་རྩིས་རྒྱག་བྱེད་དགོས་པའི་རྒྱལ་སྤྱིའི་ནང་ནས་སྐྱོན་བརྗོད་དང་ངོ་རྒོལ་བཅས་པར་དབྱེ་བ་ཇི་བྱུང་འཛམ་གླིང་ཁྱོན་ནས་དོ་སྣང་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ལ།རྒྱ་ནག་འདི་ཉིད་དཔལ་འབྱོར་དང་དམག་དོན་སོགས་ཀྱི་སྟོབས་ཤུགས་ཆེན་པོར་གྱུར་ཡོད་ཀྱང་།འཛམ་གླིང་མང་ཚོགས་ཀྱིས་རྒྱ་ནག་ལ་ལྟ་ཚུལ་ཐད་ཡར་རྒྱས་བྱུང་ཡོད་མེད་འདི་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད།གཤམ་ལ་རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་དཔྱད་གཞིའི་བགྲོ་གླེང་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།